Tibetan reading test

The Classical Tibetan Course assumes you can already read the Tibetan script. This test times you reading it aloud and tells you where you stand: ready for the grammar class, or better off starting with the preliminary reading course. Take it as often as you like.

The stopwatch needs JavaScript, so this page cannot time you. The passages are below all the same.

Test A — verse

Four lines to read aloud, after a countdown of three. Press Done when you reach the end.

༄༅། བླ་མ་མ་བརྫེད་རྟག་ཏུ་གསོལ་བ་ཐོབ།།

རང་སེམས་མ་ཡེངས་རང་ངོ་རང་གིས་ལྟོས།།

འཆི་བ་མ་བརྫེད་ཆོས་ལ་བསྐུལ་མ་ཐོབ།།

སེམས་ཅན་མ་བརྫེད་སྙིང་རྗེ་བསྔོ་སྨོན་གྱིས།།

༄༅། སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ།།

ཨོ་རྒྱན་རྫེ་དང་ནམ་ཡང་མི་འབྲལ་ཞིང་།།

མཐོང་ཐོས་དྲན་རེག་འགྲོ་བ་མ་ལུས་ཀུན།།

ཨོ་རྒྱན་རྫེ་ཡི་གོ་འཕང་མྱུར་ཐོབ་ཆོག།

Test B — prose

A longer passage, in prose.

ལྡང་ཚེ་བརྗོད་ན་དེ་ཉིན་དོན་ཀུན་འགྲུབ། །ཉལ་ཚེ་བརྗོད་ན་རྨི་ལམ་བཟང་པོ་མཐོང་། །གཡུལ་དུ་འཇུག་ཚེ་བརྗོད་ན་ཕྱོགས་ལས་རྒྱལ། །བྱ་བ་རྩོམ་དུས་བརྗོད་ན་འདོད་དོན་འགྲུབ། །རྒྱུན་དུ་བརྗོད་ན་ཚེ་དཔལ་གྲགས་འབྱོར་འཕེལ། །བདེ་ལེགས་ཕུན་ཚོགས་བསམ་དོན་ཡིད་བཞིན་འགྲུབ། །སྡིག་སྒྲིབ་ཀུན་བྱང་མངོན་མཐོ་ངེས་ལེགས་ཀྱི། །དོན་ཀུན་འགྲུབ་པར་རྒྱལ་བ་མཆོག་གིས་གསུངས། །རབ་ཚེས་མེ་སྤྲེལ་ཟླ༥་ཚེས༣་ལ་གཟའ་ཉི་མ་དང་རྒྱུ་སྐར་རྒྱལ་གྱི་དུས་བཟང་པོའི་ཆ་ལ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་ཡིད་མཚོ་ལས་བྱུང་བ་ནོར་བུའི་དོ་ཤལ་ཆེན་པོ་མངྒལཾ།།

112 syllablesSource: Colophon of Bkra shis brgyad pa

འཇམ་དཔལ་སེམས་ཅན་གང་དག་དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་དེའི་ཡོན་ཏན་དང་བསྔགས་པར་གྱུར་པ་ཡོངས་སུ་བརྗོད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་གམ། མིང་ཙམ་ཉན་ཏམ། ཀློག་པ་ནས་གླེགས་བམ་ལ་བྲིས་ཏེ། ཁྱིམ་ན་འཆང་གི་བར་དུ་བྱེད་དམ། མེ་ཏོག་དང༌། སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་རྣམས་ཀྱིས་མཆོད་པར་འགྱུར་བ་དེ་དག་གི་ཚེ་ཡོངས་སུ་ཟད་པ་ལས་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ། །

108 syllablesSource: Extract of Tshe mdo

Nothing is recorded: it all happens in your browser, and no result is sent anywhere.

Back to the course